Главная / Новости / Это интересно / Четырнадцать Далай-лам

Четырнадцать Далай-лам

Первый Далай-лама

  01_01 
༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་མཆོག་སྤྱི་ལོ་༡༣༩༡ལོར་བོད་ཀྱི་གཙང་ཁུལ་དུ་སྐུ་འཁྲུངས་ཤིང་།  ཐོག་མར་སྣར་ཐང་དགོན་དུ་ཆོས་བཞུགས་གནང་བ་དང་དེ་ནས་རིམ་པས་རྗེ་རིན་པོ་ཆེ་ལ་སོགས་པ་བླ་མ་མང་པོའི་དྲུང་ནས་གསན་བསམ་རྒྱ་ཆེ་གནང་པ་དང་། བཀྲ་ཤིས་ལྷུན་པོ་དགོན་ཕྱག་བཏབ་པ་སོགས་མཛད་པ་རྒྱ་ཆེ་བསྐྱངས་ནས་སྤྱི་ལོ་༡༤༧༤ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་མཛད་དོ།
Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: первым воплощением Могущественного Победоносного был родившийся в 1391 году наивысший Владыка Гендюн Друбпа. Сначала он жил в монастыре Нартан, затем получил Учения от множества лам, таких как Драгоценный Владыка (Цонкапа) и ему подобные, таким образов совершив деяния обширного слушания и размышления.  Среди его обширной деятельности было основание монастыря Таши Лунпо.
В 1474 году он растворил свое сознание в Дхармате (скончался).

-------------------------------------------------------------------------------------
Второй Далай-лама

02_01
 

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་སྤྱི་ལོ་༡༤༧༦ལོར་བོད་ཀྱི་གཙང་ཁུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་ལ་ཕེབས་སྐབས་རྒྱལ་བ་དགེ་འདུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་། དེ་ནས་རིམ་པས་གསན་བསམ་རྒྱ་ཆེ་གནང་སྟེ་ཆོས་འཁོར་རྒྱལ་དགོན་པ་ཕྱག་བཏབ་གནང་བ།  འབྲས་སྤུངས་དགོན་གྱི་བཞུགས་ཡུལ་དེར་དགའ་ལྡན་ཕོ་བྲང་གི་མཚན་འདོགས་གནང་བ་སོགས་མཛད་པ་རྒྱ་ཆེ་བསྐྱངས་ནས་སྤྱི་ལོ་༡༥༤༢ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་དོ།
Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: второе воплощение Могущественного Победоносного наивысший Гендун Гьямцо родился 1476 году в центральном Тибете в районе Цан. Когда ему исполнилось семь лет, он был распознан, как воплощение Победоносного Гендун Друб. Затем он исполнил обширные активности в слушании Учения и размышлении.
Он основал монастырь Чокор Гьял, резиденции в монастыре Дрепунг он присвоил имя Дворец Ганден, и так же на много другое распространилась его обширная деятельность. В 1542 году он растворил свое сознание в Дхармате (скончался).


--------------------------------------------------------------------------
Третий Далай-лама

03_02_1642287543585412646_o

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སྤྱི་ལོ་༡༥༤༣ལོར་བོད་ཀྱི་ལྷ་ས་སྐྱིད་ཤོད་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་ལ་ཕེབས་སྐབས་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་། དེ་ནས་རིམ་པས་གསན་བསམ་རྒྱ་ཆེ་གནང་སྟེ་འབྲས་སྤུངས་ཀྱི་ཁྲི་ལ་ཕེབས་པ་དང་ནང་འཁྲུག་བར་འདུམ་མཛད་པ། དམིགས་བསལ་སོག་ཡུལ་དང་དེ་མིན་ས་གནས་མང་པོར་མཛད་པ་རྒྱ་ཆེ་སྐྱངས་གནང་མཛད་དེ་སྤྱི་ལོ་༡༥༨༨ལོར་སོག་ཡུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: третье воплощение Могущественного Победоносного наивысший Сонам Гьямцо родился 1543 году в Тибете в Лхасе в районе Кьищо. Когда ему исполнилось три года, он был распознан, как воплощение Победоносного Гендун Гьямцо. Затем поэтапно  совершив обширные активности в слушании Учения и размышлении, он взошел на трон Дрепунга и стал посредником, пресекшем внутреннюю борьбу. Его обширная деятельность велась так же в Монголии и во множестве других мест. В 1588 году он растворил свое сознание в Дхармате (скончался).

--------------------------------------------------------------------------
Четвертый Далай-лама

04_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་སྤྱི་ལོ་༡༥༨༩ལོར་སོག་ཡུལ་དུ་སྐུ་འཁྲུངས་ཤིང་།  དགུང་ལོ་བཞི་ལ་ཕེབས་སྐབས་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་།  དེ་ནས་དགུང་ལོ་བཅུ་བཞིར་བོད་ལ་གདན་འདྲེན་ཞུས་ཤིང་།  རིམ་པས་གསན་བསམ་རྒྱ་ཆེ་མཛད་པ་སོགས་སྤྱི་ལོ་༡༦༡༦ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: четвертое воплощение Могущественного Победоносного наивысший Йонтен Гьямцо родился 1589 году в Монголии. Когда ему исполнилось четрые года, он был распознан, как воплощение Победоносного Сонам Гьямцо. Затем в четырнадцать лет он был приглашен в Тибет. Он совершив поэтапно обширные активности в слушании Учения и размышлении. В 1616 году он растворил свое сознание в Дхармате (скончался).

--------------------------------------------------------------------------
Пятый Далай-лама

05_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་སྤྱི་ལོ་༡༦༡༧ལོར་བོད་ཀྱི་ལྷོ་ཁ་ཁུལ་དུ་སྐུ་འཁྲུངས་ཤིང་།  དགུང་ལོ་གསུམ་ལ་ཕེབས་སྐབས་༧རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་།     དེ་ནས་དགུང་ལོ་དྲུག་ཏུ་ཕེབས་སྐབས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་འདྲེན་ཞུས་ཤིང་།    རིམ་པས་སློབ་གཉེར་རྒྱ་ཆེ་གནང་བ་དང་།   བོད་གཞུང་དགའ་ལྡན་ཕོ་བྲང་གཞུགས་གསར་བཙུགས་གནང་བ་སོགས་མཛད་པ་རྒྱ་ཆེ་སྐྱངས་གནང་མཛད་དེ་སྤྱི་ལོ་༡༦༨༢ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: пятое воплощение Могущественного Победоносного наивысший Наванг Лобзанг Гьямцо родился 1617 году в Тибетском районе Хлока. Когда ему исполнилось три года, он был распознан, как воплощение Победоносного Йонтен Гьямцо. Затем, когда ему исполнилось шесть лет, он был приглашен в резиденцию Дрепунг монастыря дворец Ганден. Совершив поэтапно обширные активности в обучении, он затем основал тибетское правительство с резиденцией во дворце Ганден, и совершил множество обширных деяний. В 1682 году он растворил свое сознание в Дхармате (скончался).

--------------------------------------------------------------------------
Шестой Далай-лама


06_02_8297244469126819126_o

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་མཆོག་སྤྱི་ལོ་༡༦༨༣ལོར་མོན་རྟ་དབང་ཁུལ་དུ་སྐུ་འཁྲུངས་ཤིང་། ༧རྒྱལ་མཆོག་ལྔ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པ་གསང་རྒྱ་གནང་བར་བརྟེན་གསང་བའི་ངང་ཡང་སྲིད་རྩད་ གཅོད་གནང་བ་དང་།   དགུང་ལོ་བཅུ་བཞི་ལ་ཕེབས་སྐབས་གསང་རྒྱ་ཐོག་མར་གྲོལ་ཞིང་།  དེ་ནས་རིམ་པས་རྒྱལ་ས་ལྷ་སར་གདན་ཞུས་གནང་བ།  སྤྱི་ཚོགས་དང་དབང་ཆའི་འཐབ་རྩོད་སོགས་བར་ཆད་མང་པོས་མཐར་ཕོ་བྲང་ནས་ཞལ་བྲལ་བའི་གནས་ཚུལ་བྱུང་བ། སྤྱི་ལོ་༡༧༤༦ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: шестое  воплощение Могущественного Победоносного наивысший Ринчен Цан Янг Гьямцо родился 1683 году в Тибетском районе Мёнта Ванкул.
Поскольку уход Пятого Далай-ламы держался в тайне, поиски воплощения так же велись в тайне. Когда ему исполнилось четырнадцать лет, тайна была раскрыта. Затем он был приглашен в Лхасу. Из-за того, что он столкнулся с множеством препятствий в обществе и в борьбе за власть, он отстранился от дворцовых дел.
В 1706 году он растворил свое сознание в Дхармате (скончался) (в тибетском тексте указан 1746 год).

--------------------------------------------------------------------------
Седьмой Далай-лама

07_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་སྤྱི་ལོ་༡༧༠༨ལོར་བོད་ཀྱི་ཁམས་ལི་ཐང་ཁུལ་དུ་སྐུ་འཁྲུངས་ཤིང་།    སྤྱི་ལོ་༡༧༢༠ལོར་ཕོ་བྲང་པོ་ཏཱ་ལའི་ཁྲིར་མངའ་གསོལ་ཞུས་པ་དང་།   རིམ་པས་སློབ་གཉེར་རྒྱ་ཆེ་གནང་བ།   བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་ཤག་ལམ་ལུགས་ཐོག་མར་གསར་བཙུགས་གནང་བ་སོགས་མཛད་པ་རྒྱ་ཆེ་སྐྱངས་གནང་མཛད་དེ་སྤྱི་ལོ་༡༧༥༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: седьмое воплощение Могущественного Победоносного наивысший Калзанг Гьямцо родился 1708 году в Тибетской области Литанг. В 1720 году он воссел на троне во дворце Потала. Он прошел поэтапное обширное обучение, затем он основал систему тибетского правительства с кабинетом министров «Дворец Ганден» и совершил множество обширных деяний. В 1757 году он растворил свое сознание в Дхармате (скончался).
--------------------------------------------------------------------------
Восьмой Далай-лама

08_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་སྤྱི་ལོ་༡༧༥༨ལོར་བོད་ཀྱི་གཙང་ཁུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གཉིས་ལ་ཕེབས་སྐབས་༧རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་།  དེ་ནས་རིམ་པས་གསན་བསམ་སློབ་གཉེར་རྒྱ་ཆེ་གནང་བ། ཚེ་མཆོག་གླིང་ཕྱག་བཏབ་པ་སོགས་མཛད་པ་རྒྱ་ཆེ་བསྐྱངས་གནང་མཛད་དེ་སྤྱི་ལོ་༡༨༠༤ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: восьмое воплощение Могущественного Победоносного наивысший Джампел Гьямцо родился 1758 году в Центральном районе Тибета Цан. Когда ему исполнилось два года, он был распознан, как воплощение Победоносного Калзанг Гьямцо. Затем, совершив поэтапно обширные активности в слушании, размышлении и обучении, он основал монастырь Цечог Линг, и совершил множество обширных деяний. В 1682 году он растворил свое сознание в Дхармате (скончался).

--------------------------------------------------------------------------
Девятый Далай-лама

09_02_The-9th-Dalai-Lama-Lobzang-Tenpai-Wangchuk-496

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག་སྤྱི་ལོ་༡༨༠༥ལོར་བོད་ཀྱི་མདོ་སྟོད་ལྡན་ཆོས་འཁོར་དགོན་གྱི་ཉེ་འགྲམ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་ལ་ཕེབས་སྐབས་༧རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས། འོན་ཀྱང་ཕྱི་ལུགས་དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས་མགུལ་འཆམ་བཞེས་ཏེ་སྤྱི་ལོ་༡༨༡༥ལོར་ཞི་བར་གཤེགས་སོ།
 

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: девятое воплощение Могущественного Победоносного наивысший Лунтог Гьямцо родился 1805 году в Верхнем Тибете в окрестности монастыря Чокор. Когда ему исполнилось три года, он был распознан, как воплощение Победоносного Джампел Гьямцо. Однако в возрасте одиннадцати лет он простудился и ушел в покой в 1815 году (скончался).
--------------------------------------------------------------------------
Десятый Далай-лама

10_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་སྤྱི་ལོ་༡༨༡༦ལོར་བོད་ཁམས་ལི་ཐང་ཁུལ་དུ་སྐུ་འཁྲུངས་ཤིང་། ཡང་སྲིད་ངོས་འཛིན་ཞུས་རྗེས་དགུང་ལོ་བརྒྱད་ལ་ཕེབས་སྐབས་གསེར་ཁྲི་མངའ་སྲོལ་ཞུས་ཏེ་དེ་ནས་རིམ་པས་གསན་བསམ་རྒྱ་ཆེ་གནང་ན་ཡང་དགུང་ལོ་༢༢སྐུ་ཁམས་ཅུང་མི་བདེ་བའི་ཚུལ་བཞེས་ཏེ་སྤྱི་ལོ་༡༨༣༧ལོར་ཞི་བར་གཤེགས་སོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: десятое воплощение Могущественного Победоносного наивысший Цултрим Гьямцо родился 1816 году в Тибетской области Литанг. После того, как он был распознан, как перевоплощение, он был возведен на золотой престол. Хоть он совершил обширные деяния в поэтапном слушании и размышлении, в возрасте двадцати двух лет элементы его тела пришли в упадок и у него начались болезни. Он ушел в покой в 1837 году (скончался).
--------------------------------------------------------------------------
Одиннадцатый Далай-лама

11_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་སྤྱི་ལོ་༡༨༣༨ལོར་བོད་ཀྱི་མདོ་སྟོད་མི་ཉག་ཁུལ་དུ་སྐུ་འཁྲུངས་ཤིང་།    དགུང་ལོ་བཞི་ལ་ཕེབས་སྐབས་༧རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་།     དེ་ནས་རིམ་པས་གསན་བསམ་གང་ཙམ་གནང་ཞིང་།  ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཡོད་ན་ཡང་། སྤྱི་ལོ་༡༨༥༥ལོར་དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: одиннадцатое воплощение Могущественного Победоносного наивысший Кедруб Гьямцо родился 1838 году в Верхнем Тибете в районе Миньяг. Когда ему исполнилось четыре года, он был распознан, как воплощение Победоносного Цултрим Гьямцо. Затем он прошел поэтапно полное обучение в слушании и размышлении. Хоть он и взял на себя двойную ответственность и за политическую и за религиозную деятельность, в 1855 году в возрасте восемнадцати лет он растворил свое сознание в Дхармате (скончался).

--------------------------------------------------------------------------
Двенадцатый Далай-лама

12_01

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག་སྤྱི་ལོ་༡༨༥༦ལོར་བོད་ཀྱི་ལྷོ་ཁ་ཁུལ་དུ་སྐུ་འཁྲུངས་ཤིང་།  དགུང་ལོ་ལྔ་ལ་ཕེབས་སྐབས་གསེར་ཁྲི་མངའ་སྲོལ་ཞུས་ཡོད་པ་དང་། དེ་ནས་རིམ་པས་སློབ་གཉེར་གནང་བ་དང་དགུང་གྲངས་ཉི་ཤུའི་ངོར་ཕེབས་སྐབས་སྐུ་གྲང་གི་སྙུན་གཞི་བཞེས་ཏེ་སྤྱི་ལོ་༡༨༧༥ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའོ།

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»:  двенадцатое воплощение Могущественного Победоносного наивысший Тринле Гьямцо родился 1856 году в Тибете в районе Хлока. Когда ему исполнилось пять лет,  он был возведен на золотой трон. Затем он прошел поэтапное обучение, но в двадцать лет его сразила болезнь холодного свойства и в 1875 году он растворил свое сознание в Дхармате (скончался).
 
--------------------------------------------------------------------------
Тринадцатый Далай-лама

13_02_2646999977909637878_n

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་སྤྱི་ལོ་༡༨༧༦ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས་ཤིང་།  དགུང་ལོ་གཉིས་ལ་ཕེབས་སྐབས་ལྷ་སར་གདན་ཞུས་ཀྱིས་གསེར་ཁྲི་མངའ་གསོལ་ཞུས་པ་དང་། དེ་ནས་གསན་བསམ་སློབ་གཉེར་གནང་བ། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པ།   དེའི་སྐབས་དབྱིན་ཇིའི་དམག་རྒྱལ་ས་ལྷ་སར་བར་འབྱོར་ཏེ་༧གོང་ས་མཆོག་སོག་ཡུལ་དུ་ཉེན་གཡོལ་ལ་ཕེབས་པ།   སྤྱི་ལོ་༡༩༠༨ལོར་རྒྱ་ནག་རི་བོ་རྩེ་ལྔ་དང་པེ་ཅིང་ལ་ཆིབས་བསྒྱུར་གནང་བ་དང་།  རྒྱ་ནག་གི་སྟོང་ལ་ཉེ་བའི་རྒྱལ་རྒྱུད་གཟིགས་ཡོད་པ་མ་ཟད། རྒྱ་ནག་ལ་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་དང་མཇལ་གནང་བ།  སྤྱི་ལོ་༡༩༡༠ལོ་རྒྱ་ནག་གི་དམག་གི་ཉེན་ཁས་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་དགོས་བྱུང་བ་དང་། དེ་ནས་རྒྱལ་ས་ལྷ་སར་ཕྱིར་ཕེབས་གནང་བའི་རྗེས་སྤང་བླང་གི་རྩ་ཚིག་དོན་ཚན་ལྔ་ཞིག་གསལ་བསྒྲགས་གནང་བ།  བོད་ལ་ཤོག་དངུལ་དང་སྦྲགས་འཛིན་གྱི་སྲོལ་གསར་གཏོད་གནང་བའི་ཐོག་སིམ་ལའི་ཆིངས་ཡིག་བཞག་གནང་བ་དང་། བོད་དམག་ལ་བཅོས་སྒྲིག་གནང་ནས་དབྱིན་དམག་གི་ལུགས་ལྟར་བཟོས་གནང་བ།  སྨན་རྩིས་ཁང་སོགས་གསར་བཙུགས་གནང་བ།  ལྷ་ས་བཀའ་འགྱུར་གསར་བཞེངས་དང་རིག་གཞུང་དར་སྤེལ།    ཆབ་འབངས་བདེ་ཐབས་ཀྱི་མཛད་བཟང་སོགས་མཛད་པ་རྒྱ་ཆེ་སྐྱངས་གནང་མཛད་དེ་མཐར་སྤྱི་ལོ་༡༩༣༣ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པའོ།

13th Dalai Lama ( seated ) with his assistants 1912_6209308825293359070_o  

Из «Летописи деяний вереницы воплощений Могущественного Победоносного (Далай-ламы)»: тринадцатое воплощение Могущественного Победоносного наивысший Тубтен Гьямцо родился 1876 году в местечке Ланмадюн тибетского района Дагпо. Когда ему исполнилось два года,  он был приглашен в Лхасу и возведен на золотой трон.

Затем он прошел обучение в слушании и размышлении и ему было присвоено высшее звание Геше Лхарампы. В те годы британская армия достигла Лхасы и Его Святейшество для того, чтобы избегнуть угрозы, был вынужден уехать в Монголию. В 1908 году он отправился на гору Утайшань и в Пекин, где увидел, как приходит в упадок китайская императорская династия. Помимо этого, в Китае он имел несколько встреч с представителями разных иностранных государств. В 1910 году из-за опасности со стороны китайских военных, он, для того, чтобы избегнуть угрозы, был вынужден уехать в Индию. Затем, после возращения в Лхасу, он  продекламировал сочинение «Пять разделов важных слов о взращивании добродетели и отказа от недобродетели».

13_2637105056198151476_n

Он совершил множество обширных деяний, среди его деяний и введение в Тибете бумажных денег, открытие почты и телеграфа, реформа тибетской армии и ее устройство по образцу британской. Он открыл новые больницы, в Лхасе было выполнено новое издание текстов Кагьюр, развивалась и распространялась культура, он совершил множество дел на благо народа Тибета. В 1933 году он растворил свое сознание в Дхармате (скончался).

--------------------------------------------------------------------------
Четырнадцатый Далай-лама

42242917_1869207939830098_9163849777316626432_n  

༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་སྤྱི་ལོ་༡༩༣༥ལོར་བོད་ཀྱི་ཨ་མདོ་སྟག་འཚེར་ལ་སྐུ་འཁྲུངས་ཤིང་། དགུང་ལོ་བཞི་ལ་ཕེབས་སྐབས་རྒྱལ་ས་ལྷ་སར་གདན་ཞུས་གནང་བ་དང་། དེ་ནས་གསེར་ཁྲི་མངའ་གསོལ་ཞུས་པ།  དེ་ནས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་དང་རྒྱ་ནག་གི་དྲག་ཤུགས་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་དུ་སླེབས་པར་བརྟེན་གྲོ་མོར་ཉེན་གཡོལ་དུ་ཕེབས་པ། སྤྱི་ལོ་༡༩༥༤ལོར་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་བ།  སྤྱི་ལོ་༡༩༥༦ལོར་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་༢༥༠༠འཁོར་བའི་མཛད་སྒོར་ཆིབས་བསྒྱུར་གནང་བ་དང་།  རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་ལ་རིམ་པས་འགྱུར་བ་བཏང་སྟེ་ཛ་དྲག་གི་གནས་སུ་སླེབས་པའི་སྐབས་ལྷ་ས་ནས་ཞལ་བྲལ་དགོས་བྱུང་བ། 

14_бегство_18194954_10155235361416460_4723982316305063280_n

རྒྱ་དམར་གྱིས་བཙན་འཛུལ་བྱས་རྐྱེན་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་།   འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྔ་རྗེས་ཐེངས་ཁ་ཤས་ཞུ་གཏུགས་སྙན་ཞུ་ཕུལ་གནང་བ།   རྒྱ་གར་མཱ་སུ་རི་ནས་བཞུགས་སྒར་རྡ་རམ་ས་ལར་གནས་སྤོས་གནང་བའི་རྗེས་དམངས་གཙོ་ལྡན་པའི་བཙན་བྱོལ་བོད་གཞུང་དབུ་བརྙེས་ཤིང་།   རྩ་ཁྲིམས་གཏན་འབེབས་གནང་བ།   བཙན་བྱོལ་གྱི་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་སློབ་གསོར་དམིགས་པའི་སློབ་གྲྭ་ཁག་གསར་བཙུགས་གནང་བ་དང་།     རིས་མེད་ཀྱི་ཆོས་སྒར་ཁག་གསར་བཙུགས།    དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་རྒྱའི་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་གནང་བ།  ཐུགས་བསྐྱེད་དམ་བཅའ་གསུམ་སྟེ་འགྲོ་བ་མིའི་སྤྱོད་བཟང་གི་རིན་ཐང་གོང་འཕེལ་དང་།  ཆོས་ལུགས་མཐུན་སྒྲིལ། བོད་དོན་དང་ཆོས་རིག་སྲུང་སྐྱོབ།   ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དམིགས་བསལ་མཛད་འཕྲིན།   ནང་ཆོས་སློབ་གཉེར་ཐད་བསྒྱུར་བཅོས་དང་གསར་གཏོད་གནང་བ།   དེ་བཞིན་སློབ་གསོའི་ཐོག་དམིགས་བསལ་མཛད་འཕྲིན།   སྐུ་གསུང་ཐུགས་ཀྱི་མཛད་པའི་ཁོངས་ནས་ཆེས་མཐོའི་གཟེངས་རྟགས་དང་མཁས་པའི་མཚན་སྙན་ཕུལ་ལོ།

Из «Жизнеописания деяний вереницы воплощений Могущественного Победоносного (Далай-ламы)»: четырнадцатое воплощение Могущественного Победоносного наивысший Тензин Гьямцо родился 1935 году в Тагцер в районе Адмо. Когда ему исполнилось четыре года,  он был приглашен в Лхасу и возведен на золотой трон. Ему пришлось взять на себя ответственность и политического и религиозного лидера. Когда китайские силы прибыли в районы Амдо и Кхам, чтобы избежать угрозы, он уехал в место под названием Тромо. В 1954 году он совершил поездку в Китай. В 1956 году он ездил в Индию на торжества в память об уходе Будды в Паринирвану около 2500 лет тому назад. Китайское правительство постепенно влияло на изменение положения в Тибете. Когда пришел момент крайней необходимости, Его Святейшество был вынужден покинуть Лхасу. Из-за вторжения в Тибет китайских коммунистов он был вынужден стать политическим беженцем в Индии. Множество раз он подавал запросы, взывающие к вниманию в Организацию Объединенных Наций.  После того, как его резиденция переехала из индийского Майсури в Дхармамсалу, на демократической основе было создано тибетское правительство в изгнании и разработана конституция.

14th Dalai Lama_9186712500790617797_n

В общинах тибетских беженцев были открыты школы с современной программой обучения, основаны несектарные (римэ) религиозные общины. Для устранения конфликта с Китаем в переговорах он так же постоянно придерживался политики срединного пути.  В соответствии с тремя обетами Бодхичитты, он значительно поднял ценность нравственного поведения людей, объединил разные религиозные традиции, действовал в целях защиты и сохранения тибетского народа и религиозных знаний тибетской традиции. Так же его деятельность особенно направлена на сохранение окружающей среды. Он провел реформы в образовании и изучении буддийских наук, таким образом его особая деятельность была направлена на процессы обучения. Его деяния, что он совершал всем своим существом, телом, речью и умом, удостоены наивысших наград, ему так же присвоены ученые звания.

13615326_974550215976372_3741287040939962514_n

--------------------------------------------------------------------------
тибетский текст приводится по материалам сайта rfa.org/tibetan/dalai-lama
перевод на русский язык школа "Тибет класс"