Сказка об Аку Тонпа «Тебя провели!»
Аку Тонпа – тибетский «Ходжа Насреддин», герой народных сказок, остроумный и хитрый, постоянно высмеивает и обводит вокруг пальца богачей и гордецов, помогая бедным людям и защищая их. В тибетском фольклоре есть множество историй об этом народном герое.
ཁྱེད་རང་མགོ་སྐོར་ནང་ཚུད་སོང་།
སྤྱང་གྲུང་ལྡན་ལ་སེམས་བཟང་ཅན་གྱི་ཨ་ཁུ་སྟོན་པ་ནི་ས་གནས་གང་སར་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཡིན། དབུལ་ཕོངས་ཚོས་ཨ་ཁུ་སྟོན་པར་དགའ་པོ་བྱེད་པ་དང་ཕྱུག་པོ་ཚོས་ཁོང་ལ་འཚིག་ཟ་བྱེད་ཀྱི་ཡོད། ཐེངས་གཅིག་མི་ཕྱུག་པོ་ཞིག་ཡོད་པ་དེས། ཁོ་ཨ་ཁུ་སྟོན་པར་ཧ་ལམ་རྒྱུ་ཅི་ཡོད། ང་ནི་ཁོ་ལས་ཀྱང་སྤྱང་གྲུང་ལྡན་པ་ཡོད། གལ་ཏེ་ཉིན་ཞིག་ང་ལ་ཁོ་ཐུག་སོང་ན་ ངས་ཁོ་བཟོ་ལྟ་ཤོར་བ་ཞིག་བཟོས་ཆོག ཅེས་བཤད། ཉིན་གཅིག་ཕྱུག་བདག་དེ་ལུང་པའི་ཕུ་ཞིག་ལ་འགྲོ་སྐབས་ཆུ་འགྲམ་ཞིག་ཏུ་ཨ་ཁུ་སྟོན་པ་ཕྲད། ཕྱུག་བདག་དེས་ལམ་སེང་། ཁྱེད་རང་ཨ་ཁུ་སྟོན་པ་ཟེར་བ་དེ་མིན་ ནམ། ཞེས་དྲིས་པར་ཨ་ཁུ་སྟོན་པས། ལགས་ཡིན་ཕྱག་ལས་གང་ཡོད་དམ། ཞེས་ལབ། ཕྱུག་བདག་དེས་གཡོ་སྒྱུའི་རྣམ་འགྱུར་ཞིག་བསྟན་ནས། ཁྱེད་ཀྱིས་མི་མང་པོར་མགོ་སྐོར་བཏང་སྐོར་གོ་ཐོས་བྱུང་དེ་རིང་ང་ལ་མགོ་སྐོར་ཞིག་གཏོང་ཐུབ་བམ། ཞེས་བཤད། སྐབས་དེར་ཨ་ཁུ་སྟོན་པས་བྲེལ་འཚུབ་ཆེན་པོས་ཨམ་ཕྲག་བསྔོགས། ཨམ་ཕྲག་ ནས་གང་ཡང་མ་ཐོན་པས་ཕྱུག་བདག་དེར། ཨ་ཙི་། དེ་རིང་ཡོང་བ་མི་འདུག་ ངས་མགོ་སྐོར་གཏོང་རྒྱུའི་ཅ་ལག་དེ་ཁྱིམ་དུ་ལུས་འདུག གལ་ཏེ་ཁྱེད་རང་བྲེལ་ བ་མེད་ན་རྟ་དེ་ང་ལ་གཡར་དང་། ངའི་ཁང་པ་གཙང་པོ་འདིའི་ཕར་ཕྱོགས་ན་ཡོད་ པ་ནས་ཅ་ལག་དེ་བླངས་རྗེས་ཁྱེད་རང་ལ་ཏན་ཏན་མགོ་སྐོར་ཞིག་གཏོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད། ཕྱུག་བདག་དེ་ནི་ང་རྒྱལ་ཅན་ཞིག་ཡིན་པས་རང་ཉིད་ཀྱིས་ཁ་ནས་བཤད་པ་བཞིན་ཕྱུག་པོ་མང་པོའི་མདུན་དུ་ཨ་ཁུ་སྟོན་པ་ལས་རྒྱལ་བ་ཞིག་བྱུང་ན་ཅི་མ་རུང་སྙམ་ནས་ལམ་སེང་ཁོ་རང་གི་ཞོན་རྟ་དེ་ཨ་ཁུ་སྟོན་པར་གཡར་ཏེ། ད་འོ་ན་མགྱོགས་ ཙམ་ཡིན་ད་ཞེས་ལབ་པ་རེད། ཨ་ཁུ་སྟོན་པས་རྟ་དེ་བཞོན་ནས་ཆུ་བོའི་ཕར་ཕྱོགས་སུ་བསྐྱོད། གང་ཙམ་ནས་ཆུའི་ དཀྱིལ་ཙམ་དུ་སླེབས་སྐབས་རྟ་མ་བཏང་བར་ཏོག་ཙམ་བསྡད། དེ་ནས་རང་ འཇགས་ཚུར་ལོག་ཡོང་བར་ཕྱུག་བདག་དེས། འོ་ཛི་ཨ་ཁུ་སྟོན་པ་ཁྱེད་རང་ཅ་ ལག་དེ་ལེན་དུ་མི་འགྲོ་བར་ཚུར་ལོག་ནས་ག་རེ་བྱེད་རྩིས་ཡོད་དམ། ཞེས་བཤད་ པར་ཨ་ཁུ་སྟོན་པས། ཕྱུག་བདག་ལགས། ཆུའི་དཀྱིལ་ཙམ་དུ་སླེབས་སྐབས་རྟ་ འདིས་ང་ནི་ཁྱེད་རང་མིན་པ་ཤེས་ཏེ་རྩ་བ་ནས་འགྲོ་རོགས་བྱེད་ཀྱི་མི་འདུག ཅེས་ བཤད་པར་ཕྱུག་བདག་དེས། ད་འོ་ན་ཐབས་ཤེས་གཞན་གང་ཡོད་དམ། ཞེས་དྲིས་ པ་རེད། ཨ་ཁུ་སྟོན་པས་ཐབས་ཤེས་གཞན་པ་གང་ཡང་གནང་དགོས་མ་རེད། ཁྱེད་རང་གི་ན་བཟའ་དེ་རྣམས་ཕྲན་ལ་གཡོགས་ན་རྟ་འདིས་ཏན་ཏན་འགྲོ་བ་འདུག ཅེས་ལབ་པར་ཕྱུག་བདག་དེས་ལམ་སེང་རང་ཉིད་ཀྱི་དུག་ལོག་ཚང་མ་ཨ་ཁུ་སྟོན་པར་གཡོགས། ཨ་ཁུའི་དུག་ལོག་རྣམས་ཁོ་རང་གིས་གྱོན་པ་རེད། དེ་ནས་ཨ་ཁུ་སྟོན་པ་ཉམས་དང་བཅས་ཕྱུག་བདག་གི་དུག་ལོག་རྣམས་གྱོན་ནས་རྟ་དེར་བཞོན་ཏེ་ཤར་རེར་སོང་བ་རེད། དེ་ནས་ཨ་ཁུ་སྟོན་པས་ཆུའི་དཀྱིལ་དེ་ནས་རྟ་ཁ་ཚུར་གཅུས་ཏེ་སྐད་ཤུགས་ཆེན་པོས། ཝ་ཡེ། སྤྱང་གྲུང་ལྡན་པའི་ཕྱུག་བདག་ལགས། ད་ཁྱེད་ཀྱིས་ཧ་གོ་སོང་ངམ། ད་ཁྱེད་རང་མགོ་སྐོར་ནང་ཚུད་མ་སོང་ངམ། ཞེས་བརྗོད་དེ་ཤར་རེར་སོང་བས། ཕྱུག་བདག་དེ་ནི་རང་གིས་གཅེས་པོ་བྱེད་པའི་རྟ་དེ་དང་གཟབ་སྤྲོས་ཀྱི་གྱོན་གོས་རྣམས་ཨ་ཁུ་སྟོན་པར་ཤོར་ཏེ་ཆུ་བོའི་ཕ་རོལ་དུ་ཐོན་འགྲོ་བ་མཐོང་དུས་གང་བྱེད་འདི་བྱེད་མི་ཤེས་པར་ལུས་སོ།
«Тебя провели!»
Хитроумный, но добрый Аку Тонпа был известен повсюду. Бедняки его любили, а богачи горячо ненавидели.
Когда то был один богатый человек, который говорил: «Что такого удивительного в этом Аку Тонпа? Я умнее его. Если однажды я его повстречаю, я смогу разрушить этот его образ».
Однажды этот богатый господин ехал через одну местность и столкнулся с Аку Тонпа. Он сразу спросил: «Не тебя ли зовут Аку Тонпа?», на что Аку ответил: «Да, а что, есть какое-то дело?». Богач сказал с хитрым видом: « Слышал о том, что ты обманул много людей. А сможешь ли сегодня провести меня?»
Тогда Аку Тонпа с очень напряжённым видом покопался за пазухой, ничего не вытащив оттуда, сказал богачу: «Ох, сегодня не получится, я забыл дома вещь, с помощью которой обманываю. Если ты не занят, одолжи мне коня. Мой дом на другой стороне реки, я возьму оттуда вещь для обмана и после этого я точно смогу тебя провести».
Богатый господин был очень гордым и сам не раз говорил перед множеством богачей, что одержит победу над Аку Тонпа. Поразмыслив, он согласился одолжить коня, на котором сидел, сказав: «Но только давай как можно быстрее!».
Аку Тонпа сел на коня и направился к другому берегу реки. Но добравшись до середины реки, лошадь ненадолго стала на месте, а затем вернулась обратно. Богатый господин спросил: «Ты не поехал брать свою вещь и вернулся, что ты собираешься делать?». На что Аку Тонпа ответил: «Господин, когда я достиг середины реки, лошадь поняла, что я – не Вы, и ее совершенно невозможно было заставить ехать дальше». Богач спросил: «Может быть мы можем сделать это как то по-другому?» Но Аку Тонпа ответил: «Не надо придумывать других способов. Если ты дашь мне одеться в твои одежды, лошадь точно поедет». И богач сразу отдал все свои одежды Аку, чтобы тот их надел. И так Аку Тонпа с веселым настроением, надев наряды богача, сел на лошадь и направился прочь.
Достигнув середины реки, Аку Тонпа развернул лошадь и громко прокричал: «Эй! Умный господин! Теперь ты понял? Разве сейчас тебя не обманули?», и уехал восвояси.
Тут то богатый господин, видя, как Аку Тонпа удаляется уже на другом берегу реки, сидя на его любимой лошади и в его дорогих нарядах, а он не может ничего поделать, понял, что все потерял.